རྒྱལ་འཛིན་ལ་ཁའི་དགའ་སྟོན་འདི་ ལོ་ཨ་རྟག་རང་ སྥྱི་ཟླ་ ༡༠ པའི་སྤྱི་ཚེས་ ༢༢ དང་༢༣ ལུ་ དགའ་ས་རྫོང་ཁག་ ལ་གཡག་རྒེད་འོག་ནང་བརྩི་སྲུང་ཞུཝ་ཨིན། འདིའི་སྐབས་ལུ་ ལས་རིམ་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ སྤྲོ་བ་ཆེ་ཤོག་གཅིག་འདི་ ལ་གཡག་བང་རྒྱུག་ཟེར་ ཀི་ལོ་མི་ཀྲར་ ༢༥ གི་བང་རྒྱུག་འགྲན་བསྡུར་འདི་ཨིན། འདི་ཡང་ ས་གནས་སྤོང་འཇོག་ཐང་ཟེར་ས་ལས་འགོ་བཙུགས་ཏེ་ མོ་ཆུའི་ཟུར་བདའ་སྟེ་ ས་གནས་རྟ་རྗེ་དམག་ཁང་ལས་ཐོན་ ལ་གཡག་ལང་སྒོ་ཐང་ཚུན་བང་རྒྱུག་འབད་དགོཔ་ཨིན། མ་གཞི་བང་རྒྱུག་འདི་དོ་འདྲན་ཅན་ཅིག་ཨིན་རུང་ ལ་གཡག་གི་ས་སྒོ་དགའ་ཏོག་ཏོ་ཚུ་བལྟ་ནིའི་གོ་སྐབས་ཐོབ་ཚུགསཔ་ཨིན། བང་རྒྱུག་གི་འགྲན་བསྡུར་འདི་ནང་ ག་ར་གི་བཅར་མར་གཏོགས་ཆོགཔ་ཨིན།