28 September 2020

འཛམ་གླིང་འཆོལ་ནད་ཀྱི་ཉིནམ་དེ་ ལོ་ལྟར་བཞིན་དུ་ སྤྱི་ཟླ་༩་པའི་སྤྱི་ཚེས་༢༨་ལུ་ བརྩི་སྲུང་འབད་སྲོལ་ཡོད་དོ་བཟུམ་ དུས་ཅི་ གནམ་ལོ་༢༠༢༠་ལུ་ཡང་ དགའ་ས་རྫོང་ཁག་གིས་འཆོལ་ནད་དེ་དང་ འབྲེལ་བའི་གོ་བ་བརྡ་སྤྲོད་འབད་ནི་དང་ནད་གཞི་དེ་སྔོན་འགོག་འབད་ཐབས་ལུ་ དམིགས་ཏེ་ བརྩི་སྲུང་འབད་ཡོདཔ་ཨིན། དེ་མ་ཚད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་བཤད་མི་ན་ཉིནམ་དེ་ འཆོལ་ནད་དོའི་ སྨན་ཁབ་འགོ་ཐོག་བཟོ་མི་ ལུའིས་པརས་ཊར་ ཀྱི་འཆི་བའི་ཉིནམ་འབད་ཡང་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས། དུས་སྟོན་དེ་ཁར་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ རོ་ཁྱི་ཚུ་ལུ་ སྨན་ཁབ་བཙུགས་ཡོདཔ་མ་ཚད་ རང་སོའི་རོ་ཁྱི་གི་ཐོ་བཀོད་ཡང་འབད་ཡོདཔ་ཨིན། དེ་འབདཝ་ལས་ འབྲེལ་ཡོད་ཡོངས་ཀྱིས་ ཞབས་ཏོག་ཚུ་ ལེན་ནི་ཀྱི་དོན་ལུ་རྫོང་ཁག་སྒོ་ནོར་འགོ་དཔོན་དང་ཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༦༩༣༠༦༥ ནང་ལུ་འབྲེལ་བ་མཛད་གནང་།