10 September 2020

དགའ་ས་རྫོང་ཁག་བདག་སྐྱོང་གིས་ འགྲོ་འགྲུལ་པ་ཡོངས་ལུ་ གསལ་བསྒྲགས་འབད་མི་ནང་ སྤྱི་ཚེས་ ༡༡/༠༩/༢༠༢༠ ལས་འགྲོ་འགྲུལ་པ་ཚུ་གིས་རྫོང་ཁག་ནང་ འཛུལ་ནི་དང་ཕྱི་ཁ་འཐོན་འགྱོ་བའི་སྐབས་ འགེག་སྲུང་འཛིན་སྐྱོང་རིམ་ལུགས་ནང་ ཐོ་བཀོད་འབད་དགོ།

རྒྱལ་གཞུང་འབྲུག་གི་ འགག་སྡེ་གི་ རིམ་ཆུ་ས་མཚམས་ནང་ལས་ཞིབ་དཔྱད་འབད་ནི་དང་ ཐོ་བཀོད་འབད་ནི་གི་རྒྱབ་སྐྱོར་ཕུལ་འོང་།

ཐོ་བཀོད་འབད་ནིའི་དོན་ལུ་བྱ་སྒོའི་རིམ་ལུགས་ཚུ་གཤམ་གསལ་ལྟར་ཨིན།

༡༽  http://cpms.rbp.gov.bt/ ནང་འཛུལ་དགོ།

༢༽  ཐོ་བཀོད་རྟགས་གུ་ཨེབ་གནང་།

༣༽. སྣུམ་འཁོར་ཨང་དང་ དབྱེ་བ་བཙུགས་གནང་།

༤༽ འགྲོ་འགྲུལ་ཚེས་གྲངས་བཙུགས་གནང་། 

༥༽ འོང་ས་དང་འགྱོ་སའི་ས་ཁོངས་ དང་རྫོང་ཁག་བཙུགས་གནང་།

༦༽ འཕྲོ་མཐུད་རྟགས་གུར་ཨེབ་གནང་།

༧༽ དེད་གཡོགཔ/ལམ་འགྲུལ་པའི་རྟགས་གུར་ཨེབ་གནང་།

༩༽ ཆོག་ཐམ་ཨང་བཙུགས་གནང་།ལམ་འགྲུལ་པའི་ཁ་གསལ་བཙུགས་གནང་།

༩༽ འགྲུལ་འཕྲིན་ཨང་དང་ གནད་དོན་བཙུགས་ཞིནམ་ལས་ གསོག་འཇོག་རྟགས་གུར་ཨེབ་གནང་།

ད་ཚུན་ འཛམ་གླིང་ནང་ ནད་ཡམས་འདི་གིས་ གནོད་པ་སྦོམ་སྦེ་ར་འབྱུང་ཡོདཔ་ལས རྒྱལ་ཁབ་དང་ མི་སྡེ་ དེ་ལས་རང་གི་བཟའ་ཚང་གི་ ཉེན་སྲུང་ལུ་དམིགས་ཏེ་ གསོ་བའི་ལྷན་ཁག་གི་ ལམ་སྟོན་དང་ འཁྲིལ་དགོཔ་གལ་ཆེ།

མཉམ་རུབ་ཐོག་ལས་ནད་ཡམས་བཀག་དགེ།