10 September 2020

དགའ་ས་རྫོང་ཁག་བདག་སྐྱོང་གིས་ ནད་ཡམས་ ཀོ་བིཊ་-༡༩ འདི་ལུ་བརྟེན་ དགའ་ས་ཚ་ཆུ་འདི་ ཚར་ཅིག་སྒོ་འདམ་བཞག་ཡོད་རུ་ སྤྱི་ཚེས་ ༡༣/༠༩/༢༠༢༠ ལས་མི་དམངས་ཕན་ཐབས་ཀྱི་མཐའ་དོན་ལུ་དམིགས་ཏེ་ སླར་ལོག་སྒོ་ཕྱེ་ནི་ཨིན་པའི་གསལ་བསྒྲགས་འབདཝ་ཨིན། ཚ་ཆུ་འདི་ སྲར་ལོག་སྒོ་ཕྱི་བའི་ཤུལ་ ནད་གཞི་འདི་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་འཐོན་སྲིད་ནིའི་ཉེན་ཁ་ཡོདཔ་ལས་ མི་དམངས་ཡོངས་ཀྱིས་ ཚ་ཆུ་འོང་བའི་སྐབས་ གསོ་བའི་ལྷན་ཁག་གི་ཉིན་སྲུང་སླབ་སྟོན་ཚུ་ལུ་གནས་དགོཔ་གཤམ་གསལ་ལྟར།

༡༽ རང་སོའི་ཁང་མིག་དང་གསང་སྤྱོད་ཚུ་ ཉིནམ་རེ་ལུ་ ཚར་གཉིས་རེ་འཁྱུ་དགོ།

༢༽ ཐབ་ཚང་དང་ཆབ་གསང་ནང་ གླང་ལེབ་ལག་ལེན་འཐབ་དགོ།

༣༽ ལགཔ་འཕྲལ་འཕྲལ་འཁྱུ་དགོཔ་དང་ གློ་འཁོག་པའི་སྐབས་ གསོ་བའི་ལམ་སྟོན་ལུ་གནས་དགོ།

༤༽ ཆུ་རྗིང་དང་ས་གནས་ག་ཏེ་ར་ཨིན་རུང་ ས་སྟོང་ཉུང་མཐར་མི་ཀྲར་ ༡ བཞག་དགོ།

༥༽ ནད་རྟགས་སྟོན་པ་ཅིན་ ཚ་ཆུ་ནང་འོང་ནི་སྤང་དགོ།

༦༽ དུས་རྒྱུན་ ཁ་རས་སྤུབ་དགོ།

༸༽ སྟ་རྟོག་འགོ་དཔོན་ཚུ་ལུ་ མཉམ་འབྲེལ་འབད་དགོ།

དེ་འབདཝ་ལས་ མི་དམངས་ཡོངས་ཀྱིས་ གོང་འཁོད་ཀྱི་ལམ་ལུགས་ལུ་གནས་དགོ་པའི་ཁར་ གནད་དོན་ཁ་གསལ་གྱི་དོན་ལུ་ ཚ་ཆུ་འཛིན་སྐྱོང་པ་དང་འགྲུལ་འཕྲིན་ཨང་ ༡༧༤༥༨༠༣༤ ནང་འབྲེལ་བ་མཛད་གནང་། གལ་སྲིད་ ནད་ཡམས་འདིའི་ནད་རྟགས་རེ་བཏོན་པ་ཅིན་རྫོང་ཁག་གསོ་བའི་འགོ་དཔོན་དང་གཅིག་ཁར་ འགྲུལ་འཕྲུན་ཨང་ ༡༧༦༤༨༦༡༢ ནང་འབྲེལ་བ་མཛད་གནང་།

བདག་གཞན་གཉིས་ཕན་ལུ་དམིགས་ཏེ་ ཉེན་སྲུང་མཛད་གནང་།