23 September 2020

རང་ཟླ་ ༧ ་པའི་ཚེས་ ༨་ལུཡ དགའ་ས་རྫོང་ཁག་ནང་ལུ་ ལོ་ལྟར་བཞིན་དུ་ བུམོ་བཀྲིས་ཀྱི་ གསོལ་མཆོད་ ཉིན་གྲངས་ ༣ བཏང་སྲོལ་ཡོདཔ་ཨིན། ཉིནམ་དེ་ཁར་དགའ་ས་རབ་སྡེ་དང་རྫོང་ཁག་བདག་སྐྱོངས་གིས་ རང་ལུགས་ཆིབ་གྲལ་གྱི་ཐོག་ལས་བུམོ་བཀྲིས་ དགའ་ས་བཀྲིས་མཐོང་སྨོན་རྫོང་ནང་ལས་ ས་གནས་ཕུ་ལ་ཁ་ལུ་ཆགས་ཡོད་པའི་ ཕུག་པའི་ལྷ་ཁང་ནང་ གདན་འདྲེན་ཞུ་སྟེ་ ནད་ཡམས་མུ་གེ་ཞི་ཐབས་དང་ རྐྱེད་ངན་པ་ཚུ་ ཟློག་ཐབས་ལུ་ དམིགས་ཏེ་ ཚེས་བཅུ་བཏང་སྲོལ་ཡོདཔ་ཨིན། དེ་བཟུམ་གྱི་ སྦྱིན་ཅན་གྱི་ གསོལ་མཆོད་འདི་གིས་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅན་ཀྱི་ བྱ་སྟབས་མ་བདེཝ་ཚུ་ ཞི་བཅུག་ཟེར་བའི་རེ་སྨན་ཡོད།

དེ་དང་ཅིག་ཁར་ རྫོང་ཁག་བདག་སྐྱོང་ཀྱི་ཁ་ཐུག་ལས་ ཁྲིས་འབབ་ཀྱི་ཉིནམ་འདི་ལུ་ བཀྲིས་བདེ་ལེགས་ཞུ་ནི་དང་ཅིག་ཁར་ ནད་ཡམས་ ཀོ་བིཊ་-༡༩ སྔོན་འགོད་དི་དོན་ལུ་ ཁྱིམ་ནང་བཞུགས་སྟེ་ ཉེན་སྲུང་འབད་གནང་ཟེར་ཞུ་ནི་ཨིན།

ཁྲིས་འབབ་བཀྲིས་བདེ་ལེགས་ལགས།

Image removed.

Image removed.

Image removed.

Image removed.

 

Share